ཀོ་ཝིཌ-༡༩་གི་རྒྱལ་ཡོངས་དུས་མཐུན་གནས་སྟངས།༼༢༠/༠༡/༢༠༢༡༽

དབྱིན་ཟླ་ ༡ པའི་དབྱིན་ཚེས་༡༩ ཚུན་གྱི་ རྒྱལ་ཡོངས་ཀོ་བིཌ་-༡༩ གི་ དུས་མཐུན་སྙན་ཞུ།

༉ འདས་པའི་ཆུ་ཚོད་༢༤ ནང་འཁོད་ལུ་ ད་རུང་ མི་༢ ལུ་ ཀོ་བིཌ-༡༩ ཐོབ་ཡོདཔ།

དེ་ཡང་ ཐིམ་ཕུག་ ལྕང་ཟམ་ཏོག་དང་ སྒང་ཆེའི་ས་ཁོངས་ལས་ ཧེ་མ་ལས་ ནད་འབུབ་ཐོབ་མི་དང་ ཐད་ཀར་དུ་ འབྲེལ་བ་འཐབ་མི་ སྐྱེས་ལོ་༢༦ ལང་མི་ ཕོ་སྐྱེས་ཅིག་དང་ སྐྱེས་ལོ་༢༣ ལང་མི་ ཨམ་སྲུ་ཅིག་ལུ་ ཀོ་བིཌ-༡༩ ཐོབ་ཡོདཔ།

གསོ་བའི་ལྷན་ཁག་གིས་ ད་རེས་ ནད་འབུབ་ཐོབ་མི་ ༢༦ ནད་གཞི་ལས་ དྲག་ཡོད་པའི་གསལ་བསྒྲགས།

༼གསོ་བའི་ལྷན་ཁག་དང་ ཀུན་གསལ་གྱི་དོང་འདེབ་ལས།༽

Check Also

གནམ་གཤིས་གསལ་བསྒྲགས།

སྤྱི་ཚེས་ ༡༧/༡༠/༢༠༢༡ ལུ། ནུབ་ཕྱོགས་ལུ་རླུང་ཤུགས་ཀྱི་རིང་ལུགས་འཁྲུག་པའི་རྐྱེན་གྱིས་ སྤྱི་ཟླ་ ༡༠ པའི་སྤྱི་ཚེས་ ༡༨ ལས་ ༢༠ ཚུན་ དུས་ཡུན་ཆུ་ཚོད་ ༧༢ ཀྱི་རིང་ རྒྱལ་ཁབ་ནང་འཁོད་ …