ཀོ་ཝིཌ-༡༩་གི་རྒྱལ་ཡོངས་གནས་སྟངས།༼༢༤/༡༢/༢༠༢༠༽

ཁ༌ཙ་ ཕྱི་རུའི་ཆུ་ཚོད་༦ ནང་འཁོད་ལུ་ ཀོ་བིཌ་-༡༩ ཐོབ་མི་གསརཔ་༡༩ བདའ་ཟུན་ཡོདཔ།

༉ དེ་ཡང་ སྐྱེས་ལོ་༡༥ ལས་༥༤ བར་ན་འབད་མི་ ཕོ་སྐྱེས་༨ དང་ ཨམ་སྲུ་༡༡ ཨིན་པས།

ནད་འབུབ་ཐོབ་མི་༡ དེ་ བུམ་ཐང་ལུ་ ཧེ་མ་ལས་ ནད་འབུབ་ཐོབ་མི་དང་ ཐད་ཀར་དུ་ འབྲེལ་བ་འཐབ་མི་ཨིན་པའི་ཁར་ གཞན་མི་གཅིགཔོ་དེ་ཡང་ ཧེ་མ་ལས་ ནད་འབུབ་ཐོབ་མི་དང་ ཐད་ཀར་དུ་འབྲེལ་བ་འཐབ་མི་ དབང་འདུས་ཕོ་བྲང་ལས་ ཐོབ་ཡོདཔ་ཨིན་པས།

ཐིམ་ཕུག་གི་ མི་སྡེ་ནང་ མི་མང་བརྟག་དཔྱད་འབདཝ་ད་ མི་༦ དང་ ཧེ་མ་ལས་ ནད་འབུབ་ཐོབ་མི་དང་ འབྲེལ་འཐབ་མི་༦ དེ་ལས་ ཚ་རིམས་སྨན་བཅོས་ལྟེ་བ་ལས་ མི་༥ ལུ་ ནད་འབུབ་ཐོབ་ཡོདཔ་སྦེ་ བདའ་ཟུན་ནུག།

གསོ་བ་ལྷན་ཁག་དང་འཁྲིལཝ་ད་ ད་རེས་ ནད་འབུབ་ཐོབ་མི་༣ ནད་གཞི་ལས་ དྲག་ཡོདཔ་སྦེ་ གསལ་བསྒྲགས་འབད་ཡོད་པའི་གནས་ཚུལ་མདོར་བསྡུས།

༼གསོ་བའི་ལྷན་ཁག་དང་ ཀུན་གསལ་དོང་འདེབ་ལས།༽

Check Also

གནམ་གཤིས་གསལ་བསྒྲགས། ༼༡༧/༡༠/༢༠༢༡༽

སྤྱི་ཚེས་ ༡༧/༡༠/༢༠༢༡ ལུ། ནུབ་ཕྱོགས་ལུ་རླུང་ཤུགས་ཀྱི་རིང་ལུགས་འཁྲུག་པའི་རྐྱེན་གྱིས་ སྤྱི་ཟླ་ ༡༠ པའི་སྤྱི་ཚེས་ ༡༨ ལས་ ༢༠ ཚུན་ དུས་ཡུན་ཆུ་ཚོད་ ༧༢ ཀྱི་རིང་ རྒྱལ་ཁབ་ནང་འཁོད་ …