ཀོ་ཝིཌ-༡༩་གི་རྒྱལ་ཡོངས་དུས་མཐུན་གནས་སྟངས།༼༢༩/༡༢/༢༠༢༠༽

སྤྱི་ཟླ་༡༢ པའི་ཚེས་༢༨ ཚུན་གྱི་ རྒྱལ་ཡོངས་ཀོ་བིཌ-༡༩ གི་ གནས་སྟངས་དུས་མཐུན།

༉ ཁ་ཙ་ ཕྱི་རུའི་ཆུ་ཚོད་༦ གི་ཤུལ་ལས་ ཀོ་བིཌ-༡༩ ཐོབ་མི་གསརཔ་༡༡ བདའ་ཟུན་མི་ཚུ་ཡང་ སྐྱེས་ལོ་༡༥ ལས་༨༣ བར་ན་འབད་མི་ ཕོ་སྐྱེས་༤ དང་ ཨམ་སྲུ་༧ ཨིནམ་ད་ ཁོང་ཆ་ཁྱབ་ཡང་ ཧེ་མ་ལས་ ནད་འབུབ་ཐོབ་མི་ཚུ་དང་ འབྲེལ་བ་འཐབ་མི་ཨིན་པས།

དེ་ཡང་ དར་དཀར་ནང་ ལྷ་མོའི་རྫིང་ཁ་ལས་ མི་༡ དང་ བུམ་ཐང་ལྕམ་མཁར་ལས་༡ དེ་ལས་ ཐིམ་ཕུག་ སྤམ་མཚོ་ལས་༦ དང་ སེམས་རྟོགས་ཁ་ལས་༣ ལུ་ མི་༩ ལུ་ ཀོ་བིཌ༌-༡༩ ཐོབ་ཡོདཔ་སྦེ་ བདའ་ཟུན་ནུག།

དྲན་གསོ་དང་པ་། ནད་འབུབ་ཐོབ་མི་༢ ཀྱི་སྐོར་ལས་ ཁ་ཙ་ ཕྱི་རུའི་ཆུ་ཚོད་༦ གི་ གནས་ཚུལ་ཞལ་འཛོམས་སྐབས་ གསལ་བསྒྲགས་འབད་ ཡོདཔ་ཨིན་པས།

དྲན་གསོ་༢ པ། ད་རིས་ལས་འགོ་བཙུགས་ཏེ་ རྒྱལ་ཡོངས་ཀོ་བིཌ-༡༩ གི་ གནས་སྟངས་དུས་མཐུན་སྙན་ཞུ་དེ་ དྲོ་པའི་ཆུ་ཚོད་༩ ལུ་མེན་པར་ ཕྱི་རུའི་ཆུ་ཚོད་༧ ལུ་ གསལ་བསྒྲགས་འབད་ནི་ཨིན་པས།

༼གསོ་བའི་ལྷན་ཁག་དང་ ཀུན་གསལ་དོང་འདེབ་ལས།༽

Check Also

གནམ་གཤིས་གསལ་བསྒྲགས། ༼༡༧/༡༠/༢༠༢༡༽

སྤྱི་ཚེས་ ༡༧/༡༠/༢༠༢༡ ལུ། ནུབ་ཕྱོགས་ལུ་རླུང་ཤུགས་ཀྱི་རིང་ལུགས་འཁྲུག་པའི་རྐྱེན་གྱིས་ སྤྱི་ཟླ་ ༡༠ པའི་སྤྱི་ཚེས་ ༡༨ ལས་ ༢༠ ཚུན་ དུས་ཡུན་ཆུ་ཚོད་ ༧༢ ཀྱི་རིང་ རྒྱལ་ཁབ་ནང་འཁོད་ …