ཀོ་ཝིཌ-༡༩་གི་རྒྱལ་ཡོངས་དུས་མཐུན་གནས་སྟངས།༼༣༠/༡༢/༢༠༢༠༽

༉ འདས་པའི་ཆུ་ཚོད་༢༤ ནང་འཁོད་ལུ་ ནད་ཡམས་ཀོ་བིཌ-༡༩ ཐོབ་མི་གསརཔ་༡༩ བདའ་ཟུན་ཡོད་མི་ཚུ་ཡང་ སྐྱེས་ལོ་༡ ལས་༧༠ བར་ན་འབད་མི་ ཕོ་སྐྱེས་༡༡ དང་ ཨམ་སྲུ་༨ ཨིན་པས།

ཧེ་མ་ལས་ ནད་འབུབ་ཐོབ་མི་དང་ ཐད་ཀར་དུ་འབྲེལ་བ་འཐབ་མི་ དར་དཀར་ནང་ལས་༡ དང་ སྤ་རོ་ཤར་པ་ལས་༣ བདའ་ཟུན་ནུག།
དེ་ལས་ ཕྱིའི་རྒྱལ་ཁབ་ལས་ ལོག་ལྷོད་དེ་ སྤ་རོ་ལུ་ ཟུར་བཞག་མཐུན་རྐྱེན་ལྟེ་བའི་ནང་སྡོད་མི་༡ ལུ་ ནད་འབུབ་ཐོབ་ཡོདཔ་ཨིན་པས།

སེམས་རྟོགས་ཁ་ལས་༥ དང་ ཐིམ་ཁྲོམ་གོངམ་ལས་༡ ཉི་ཟེར་སྒང་ལས་༢ སྡེཔ་སྲིད་ལས་༡ བདེ་ཆེན་ཆོས་གླིང་ལས་༣ དཀར་སྦིས་ས་ལས་༡ དེ་ལས་ གཡང་འཕེལ་སྡོད་ཁྱིམ་ས་ཁོངས་ལས་༡ བརྩིས་ཏེ་ ཐིམ་ཕུག་ལས་ མི་༡༤ ལུ་ ནད་འབུབ་ཐོབ་ཡོདཔ་སྦེ་ མངོན་གསལ་བྱུང་ནུག།

གསོ་བ་ལྷན་ཁག་དང་འཁྲིལཝ་ད་ ད་རིས་ མི་༢ ནད་གཞི་ལས་ དྲག་ཡོདཔ་སྦེ་ གསལ་བསྒྲགས་འབད་དེ་འདུག།

དྲན་གསོ། ད་ལས་ཕར་ རྒྱལ་ཡོངས་གནས་སྟངས་སྙན་ཞུ་ནང་ ནད་འབུབ་ཐོབ་མི་དང་ བརྟག་ཞིབ་གནས་སྡུད་ཚུ གསལ་བཀོད་འབད་ནི་ཨིན་པས།

༼གསོ་བའི་ལྷན་ཁག་དང་ ཀུན་གསལ་དོང་འདེབ་ལས།༽

Check Also

གནམ་གཤིས་གསལ་བསྒྲགས། ༼༡༧/༡༠/༢༠༢༡༽

སྤྱི་ཚེས་ ༡༧/༡༠/༢༠༢༡ ལུ། ནུབ་ཕྱོགས་ལུ་རླུང་ཤུགས་ཀྱི་རིང་ལུགས་འཁྲུག་པའི་རྐྱེན་གྱིས་ སྤྱི་ཟླ་ ༡༠ པའི་སྤྱི་ཚེས་ ༡༨ ལས་ ༢༠ ཚུན་ དུས་ཡུན་ཆུ་ཚོད་ ༧༢ ཀྱི་རིང་ རྒྱལ་ཁབ་ནང་འཁོད་ …