ཀོ་ཝིཌ-༡༩་གི་རྒྱལ་ཡོངས་དུས་མཐུན་གནས་སྟངས།༼༠༡/༠༡/༢༠༢༡༽

འདས་པའི་ཆུ་ཚོད་༢༤ ནང་འཁོད་ལུ་ ཀོ་བིཌ-༡༩ ཐོབ་མི་གསརཔ་༡༩ བདའ་ཟུན་ཡོདཔ།

༉ དེ་ཡང་ སྐྱེས་ལོ་༤ ལས་༥༥ བར་ན་འབད་མི་ ཕོ་སྐྱེས་༡༡ དང་ ཨམ་སྲུ་༨ ཨིནམ་ད་ ཐིམ་ཕུག་ལས་ ནད་འབུབ་ཐོབ་མི་ག་ར་ ཧེ་མ་ལས་ ནད་འབུབ་ཐོབ་མི་དང་ ཐད་ཀར་དུ་ འབྲེལ་བ་འཐབ་མི་ཚུ་ཨིན་པས།

ད་རེས་ ནད་འབུབ་ཐོབ་མི་༡༩ ལས་ ཐིམ་ཕུག་ སེམས་རྟོགས་ཁའི་ ས་ཁོངས་ངོས་འཛིན་ལྟེ་བ་ལས་༡ དང་ ཉི་ཟེར་སྒང་ ས་ཁོངས་ལས་༤ ལུང་བསྟན་ཕུག་ ས་ཁོངས་ལས་༦ སྡེཔ་སྲིད་ལས་༣ དབྱངས་འཕེལ་སྡོད་ཁྱིམ་ ས་ཁོངས་ལས་༡ བདེ་ཆེན་ཆོས་གླིང་ལས་༢ དེ་ལས་ ལྕང་བང་གྲུ་ལས་༡ ཨིན་པས།

ནད་འབུབ་ཐོབ་མི་གཅིགཔོ་དེ་ བསམ་གྲུབ་ལྗོངས་མཁར་ ཟུར་བཞག་མཐུན་རྐྱེན་ལྟེ་བ་ཅིག་ལས་ ཕྱིའི་ལས་མི་ཅིག་ལུ་ ནད་འབུབ་ཐོབ་ཡོདཔ་སྦེ་ བདའ་ཟུན་ནུག།
གསོ་བ་ལྷན་ཁག་གིས་ ད་རེས་ ནད་འབུབ་ཐོབ་མི་ཅིག་ ནད་གཞི་ལས་ དྲག་ཡོདཔ་སྦེ་ གསལ་བསྒྲགས་འབད་འདུག་པའི་གནས་ཚུལ།

༼གསོ་བའི་ལྷན་ཁག་དང་ ཀུན་གསལ་དོང་འདེབ་ལས།༽

Check Also

གནམ་གཤིས་གསལ་བསྒྲགས། ༼༡༧/༡༠/༢༠༢༡༽

སྤྱི་ཚེས་ ༡༧/༡༠/༢༠༢༡ ལུ། ནུབ་ཕྱོགས་ལུ་རླུང་ཤུགས་ཀྱི་རིང་ལུགས་འཁྲུག་པའི་རྐྱེན་གྱིས་ སྤྱི་ཟླ་ ༡༠ པའི་སྤྱི་ཚེས་ ༡༨ ལས་ ༢༠ ཚུན་ དུས་ཡུན་ཆུ་ཚོད་ ༧༢ ཀྱི་རིང་ རྒྱལ་ཁབ་ནང་འཁོད་ …