ཀོ་ཝིཌ-༡༩་གི་རྒྱལ་ཡོངས་དུས་མཐུན་གནས་སྟངས།༼༡༩/༠༡/༢༠༢༡༽

དབྱིན་ཟླ་ ༡ པའི་དབྱིན་ཚེས་༡༨ ཚུན་གྱི་ རྒྱལ་ཡོངས་ཀོ་བིཌ་-༡༩ གི་ དུས་མཐུན་སྙན་ཞུ།

༉ འདས་པའི་ཆུ་ཚོད་༢༤ གི་ནང་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ ནདཔ་གསརཔ་ ༥ བདའ་ཟུན་མི་ལས་༤ མི་སྡེ་ནང་ལས་ཨིནམ་ད་ འདི་ཡང་ ཐིམ་ཕུག་ལས་ ༢ དང་ སྤོ་རོ་ ༢་བདའ་ཟུན་ཡོདཔ་ཨིན་པས།་

ནདཔ་གསརཔ་ངོས་འཛིན་བྱུང་མི་ཚུ་ཡང་ སྐྱེས་ལོ་༢༧ ལས་༣༥ འི་བར་ན་འབད་མི་ ཕོ་སྐྱེས་༣ དང་ ཨམ་སྲུ་༢ ཨིན་པས།

ཐིམ་ཕུག་ལུ་ མི་སྡེ་ནང་ལས་ ནད་འབུབ་ཐོབ་མི་ ནདཔ་༢ པོ་དེ་ཡང་ ལུང་བསྟན་ཕུག་ལས་༡ དང་ ལྕང་ཟམ་ཏོག་ལས་༡ ཨིནམ་ད་ ཁོང་སྡོད་སའི་ ས་ཁོངས་དེ་ནང་ མི་ཕར་ཚུར་འགྱོ་ནི་དང་ ཁྱིམ་ནང་ལས་ ཕྱི་ཁར་འཐོན་ནི་ཚུ་ བཀག་ཆ་འབད་དེ་ ཡོདཔ་མ་ཚད་ ཁོང་དང་འབྲེལ་བ་འཐབ་མི་ཚུ་ཡང་ འཚོལ་ཞིབ་འབད་ཚར་ཡོདཔ་ཨིན་པས།
ནད་འབུབ་ཐོབ་མི་༡ དེ་ ལྕང་བང་གྲུ་ལས་ཨིནམ་ད་ ནདཔ་དེ་ ཧེ་མ་ལས་ ནད་འབུབ་ཐོབ་མི་དང་ འབྲེལ་བ་འཐབ་མི་ཨིན་པས།

དེ་ལས་ སྤ་རོའི་མི་སྡེ་ནང་ལས་ ནད་འབུབ་ཐོབ་མི་༢ ངོས་བཟུང་འབད་མི་དེ་ཡང་ བཙན་ཏོག་དང་ ཝང་ལྕང་ལས་ཨིནམ་ད་ ཁོང་༢ ཆ་ར་ ཕྱིའི་ལས་མི་ཨིན་པས།
སྤ་རོ་ལུ་ ནད་འབུབ་ཐོབ་མི་༢ དང་ འབྲེལ་བ་ཡོད་མི་ཚུ་ འཚོལ་ཞིབ་འབད་ཡོདཔ་མ་ཚད་ ནད་འབུབ་ཁྱབ་སྤེལ་གྱི་ སྔོན་འགོག་ཐབས་ལམ་ཚུ་ ལག་ལེན་འཐབ་སྟེ་ཡོདཔ་ཨིན་པས།

གསོ་བའི་ལྷན་ཁག་གིས་ ད་རེས་ ནད་འབུབ་ཐོབ་མི་ ༢༢ ནད་གཞི་ལས་ དྲག་ཡོད་པའི་གསལ་བསྒྲགས།

ད་རེས་ རྒྱལ་ཁབ་ནང་ ཀོ་བིཌ་-༡༩ ཐོབ་མིའི་གྱངས་ཁ་༨༤༨ ལུ་ ལྷོད་མིའི་གྲས་ལས་ ཕོ་སྐྱེས་༡ ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ ནདཔ་༦༠༥ དྲག་ཡོདཔ།

༼གསོ་བའི་ལྷན་ཁག་དང་ ཀུན་གསལ་གྱི་དོང་འདེབ་ལས།༽

Check Also

གནམ་གཤིས་གསལ་བསྒྲགས། ༼༡༧/༡༠/༢༠༢༡༽

སྤྱི་ཚེས་ ༡༧/༡༠/༢༠༢༡ ལུ། ནུབ་ཕྱོགས་ལུ་རླུང་ཤུགས་ཀྱི་རིང་ལུགས་འཁྲུག་པའི་རྐྱེན་གྱིས་ སྤྱི་ཟླ་ ༡༠ པའི་སྤྱི་ཚེས་ ༡༨ ལས་ ༢༠ ཚུན་ དུས་ཡུན་ཆུ་ཚོད་ ༧༢ ཀྱི་རིང་ རྒྱལ་ཁབ་ནང་འཁོད་ …