ཀོ་ཝིཌ-༡༩་གི་རྒྱལ་ཡོངས་དུས་མཐུན་གནས་སྟངས།༼༢༨/༠༣/༢༠༢༡༽

དབྱིན་ཟླ་ ༣ པའི་དབྱིན་ཚེས་༢༧ ཚུན་གྱི་ རྒྱལ་ཡོངས་ཀོ་བིཌ་-༡༩ གི་ དུས་མཐུན་སྙན་ཞུ།

༉ འདས་པའི་ཆུ་ཚོད་༢༤ ནང་འཁོད་ལུ་ གནད་ཡམས་ ཀོ་བིཌ-༡༩ ཐོབ་མི་གསརཔཿ- ༡ བདའ་འཛུན་ཡོདཔ། འདི་ཡངཿ
སྐྱེས་ལོཿ– ༤༤།
ཕོ་མོའི་དབྱེ་བཿ– ཕོ།
མི་ཁུངསཿ- ཕྱིའི་མི་ཁུངས།
ནོད་གཞིའི་དབྱེ་བཿ- ཕྱི་རྒྱལ་ལས་ ནང་འདྲེན༼ནད་གཞི་ཐོབ་མི་འདི་ ཕུན་ཚོགས་གླིང་གི་ ཟུར་ཞག་ལྟེ་བ་ཅིག་ནང་བཞག་ཡོདཔ།༽

རྒྱལ་ཁབ་ནང་གི་ ནད་བཀག་སྨན་བཙུགས་སྟེ་ ཉིམ་གཉིས་པཿ
ད་རེས་ ཕྱི་རུའི་ཚོུད་ ༨ གྱི་ནང་མཁྱོད་ལུ་ མི་ཡོངས་བསྡོམས་ ༡༨༣,༢༧༡ ནད་བཀག་སྨན་བཙུགས་ཚར་ཡོད་མི་འདི་ ང་བཅས་འབྲུག་མི་ ཁྱད་ཚད་ཅན་ཡོངས་བསྡོམས་ ༥༢༦,༤༦༥ མཐོ་བཀོད་ཡོད་ས་ལས་ བརྒྱ་ཆ་ ༣༧.༥%དེ་ཅིག་ཨིན་པས།

ནད་བཀག་སྨན་ཁབ་བཙུགས་པའི་ཤུལ་ མི་མང་ཤོས་རང་ མགུ་ཏོ་ན་ནི་དང་ དྲོད་པ་རྐྱབ་ནི་ དེ་ལས་ ཐང་ཆད་ནི་ལ་སོགས་པ་ཚུ་ལས་ ན་ཡོདཔ་ཨིན་པས། ཌོག་ཊར་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ སྨན་ཁབ་དེ་ལུ་བརྟེན་ ན་ཟུག་རྐྱབ་མི་དེ་ རང་བཞིན་ཅིག་ཨིནམ་ལས་ སེམས་ཁར་དོགས་སྣང་བསྐྱེད་དགོཔ་མེད་ཟེར་ཨིན་པས།

Check Also

གནམ་གཤིས་གསལ་བསྒྲགས། ༼༡༧/༡༠/༢༠༢༡༽

སྤྱི་ཚེས་ ༡༧/༡༠/༢༠༢༡ ལུ། ནུབ་ཕྱོགས་ལུ་རླུང་ཤུགས་ཀྱི་རིང་ལུགས་འཁྲུག་པའི་རྐྱེན་གྱིས་ སྤྱི་ཟླ་ ༡༠ པའི་སྤྱི་ཚེས་ ༡༨ ལས་ ༢༠ ཚུན་ དུས་ཡུན་ཆུ་ཚོད་ ༧༢ ཀྱི་རིང་ རྒྱལ་ཁབ་ནང་འཁོད་ …