མི་མང་ཤེས་པ།

གནམ་གཤིས་གསལ་བསྒྲགས། ༼༡༧/༡༠/༢༠༢༡༽

སྤྱི་ཚེས་ ༡༧/༡༠/༢༠༢༡ ལུ། ནུབ་ཕྱོགས་ལུ་རླུང་ཤུགས་ཀྱི་རིང་ལུགས་འཁྲུག་པའི་རྐྱེན་གྱིས་ སྤྱི་ཟླ་ ༡༠ པའི་སྤྱི་ཚེས་ ༡༨ ལས་ ༢༠ ཚུན་ དུས་ཡུན་ཆུ་ཚོད་ ༧༢ ཀྱི་རིང་ རྒྱལ་ཁབ་ནང་འཁོད་ ཆརཔ་དུམ་དྲག་རེ་རྐྱབ་ནི་ཨིན་པའི་གསལ་བསྒྲགས་འབདཝ་ཨིན། གནམ་གཤིས་སྔོན་བཤད་ནང་ དམིགས་གསལ་གྱི་འགྱུར་བ་རེ་འཐོན་པ་ཅིན་ དུས་དང་དུས་སུ་ དུས་མཐུན་བཟོ་འོང་ཟེར་ཞུ་ནི་དང་ བརྡ་དོན་ཁ་སྐོང་གི་དོན་ལུ་ རྒྱལ་ཡོངས་ཆུ་དཔྱད་དང་གནམ་གཤིས་རིག་པའི་ལྟེ་བ་དང་མཉམ་ བརྒྱུད་འཕྲིན་ཨང་ ༠༢-༣༣༥༥༧༨/༣༣༩༦༧༣ ཡང་ན་ ༧༧༤༥༢༦༣༢ གྱི་ཐོག་ལུ་འབྲེལ་བ་འཐབ་གནང་ ཡང་ན་ ཡིག་ཚང་གི་ཡོངས་འབྲེལ་ཁ་བྱང་ www.nchm.gov.bt ནང་གཟིགས་གནང་ཟེར་ཞུ་ནི་ཨིན། རྒྱལ་ཡོངས་ཆུ་དཔྱད་དང་གནམ་གཤིས་རིག་པའི་ལྟེ་བ། ཐིམ་ཕུག

Read More »

ཀོ་ཝིཌ-༡༩་གི་རྒྱལ་ཡོངས་དུས་མཐུན་གནས་སྟངས།༼༠༧/༠༤/༢༠༢༡༽

དབྱིན་ཟླ་ ༤ པའི་དབྱིན་ཚེས་ ༦ ཚུན་གྱི་ རྒྱལ་ཡོངས་ཀོ་བིཌ་-༡༩ གི་ དུས་མཐུན་སྙན་ཞུ། ༉ འདས་པའི་ཆུ་ཚོད་༢༤ ནང་འཁོད་ལུ་ གནད་ཡམས་ ཀོ་བིཌ-༡༩ ཐོབ་མི་གསརཔཿ- ༤ བདའ་འཛུན་ཡོདཔ། འདི་ཡངཿསྐྱེས་ལོཿ– ༢༣–༣༨།ཕོ་མོའི་དབྱེ་བཿ– ཕོཿ ༤།མི་ཁུངསཿ- འབྲུག་པའི་མི་ཁུངས་ ༡ དང་ཕྱིའི་མི་ཁུངས་ ༣།ནོད་གཞིའི་དབྱེ་བཿ- ཕྱི་རྒྱལ་ལས་ ནང་འདྲེན༼ནད་གཞི་ཐོབ་མི་ ༣ ཕུན་ཚོགས་གླིང་གི་ཟུར་ཞག་ལྟེ་བ་ནང་དང་ ༡ ཐིམ་ཕུག་གི་ཟུར་ཞག་ལྟེ་བ་ཅིག་ནང་ཡོདཔ།༽ ད་རེས་དབྱིན་ཟླ་ ༤པའི་དབྱིན་ཚེས་ ༣ ཚུན་ལུ་ མི་ཡོངས་བསྡོམས་ ༤༧༠,༩༧༦ ནད་བཀག་སྨན་ཁབ་བཙུགས་ཚར་ཡོདཔ།

Read More »

ཀོ་ཝིཌ-༡༩་གི་རྒྱལ་ཡོངས་དུས་མཐུན་གནས་སྟངས།༼༠༦/༠༤/༢༠༢༡༽

དབྱིན་ཟླ་ ༤ པའི་དབྱིན་ཚེས་ ༥ ཚུན་གྱི་ རྒྱལ་ཡོངས་ཀོ་བིཌ་-༡༩ གི་ དུས་མཐུན་སྙན་ཞུ། ༉ འདས་པའི་ཆུ་ཚོད་༢༤ ནང་འཁོད་ལུ་ གནད་ཡམས་ ཀོ་བིཌ-༡༩ ཐོབ་མི་གསརཔཿ- ༥ བདའ་འཛུན་ཡོདཔ། འདི་ཡངཿསྐྱེས་ལོཿ– ༢༢:–༤༤།ཕོ་མོའི་དབྱེ་བཿ– ག་ར་ཕོ་སྐྱེད་ཨིན་པས།མི་ཁུངསཿ- འབྲུག་པའི་མི་ཁུངས་ ༢ དང་ཕྱིའི་མི་ ༣།ནོད་གཞིའི་དབྱེ་བཿ- ཕྱི་རྒྱལ་ལས་ ནང་འདྲེན༼ནད་གཞི་ཐོབ་མི་ ༢ ཐིམ་ཕུག་གི་ཟུར་ཞག་ལྟེ་བ་ནང་དང་ ༣ ཕུན་ཚོགས་གླིང་གི་ཟུར་ཞག་ལྟེ་བ་ནང་བཞག་ཡོདཔ།༽ ད་རེས་དབྱིན་ཟླ་ ༤པའི་དབྱིན་ཚེས་ ༦ ཚུན་ལུ་ མི་ཡོངས་བསྡོམས་ ༤༦༩,༦༦༤ ནད་བཀག་སྨན་ཁབ་བཙུགས་ཚར་ཡོདཔ།

Read More »

ཀོ་ཝིཌ-༡༩་གི་རྒྱལ་ཡོངས་དུས་མཐུན་གནས་སྟངས།༼༠༣/༠༤/༢༠༢༡༽

དབྱིན་ཟླ་ ༤ པའི་དབྱིན་ཚེས་ ༢ ཚུན་གྱི་ རྒྱལ་ཡོངས་ཀོ་བིཌ་-༡༩ གི་ དུས་མཐུན་སྙན་ཞུ། ༉ འདས་པའི་ཆུ་ཚོད་༢༤ ནང་འཁོད་ལུ་ གནད་ཡམས་ ཀོ་བིཌ-༡༩ ཐོབ་མི་གསརཔཿ- ༢ བདའ་འཛུན་ཡོདཔ། འདི་ཡངཿསྐྱེས་ལོཿ– ༤༩:–༥༣།ཕོ་མོའི་དབྱེ་བཿ– ཕོཿ ༡ དང་མོཿ ༡།མི་ཁུངསཿ- འབྲུག་པའི་མི་ཁུངས།ནོད་གཞིའི་དབྱེ་བཿ- ཕྱི་རྒྱལ་ལས་ ནང་འདྲེན༼ནད་གཞི་ཐོབ་མི་ ༢ ཆ་ར་ ད་རེས་ཁམས་ཅིག་ཁར་ ཕྱིའི་རྒྱལ་ཁབ་ནང་ལས་འོང་ཡོདཔ་དང་ ཁོང་ ༢ ཆ་ར་ཐིམ་ཕུག་གི་ ཟུར་ཞག་ལྟེ་བ་ཅིག་ནང་ཡོདཔ།༽ ད་རེས་དབྱིན་ཟླ་ ༤པའི་དབྱིན་ཚེས་ ༣ ཚུན་ལུ་ མི་ཡོངས་བསྡོམས་ ༤༥༩,༧༥༢ ནད་བཀག་སྨན་ཁབ་བཙུགས་ཚར་ཡོདཔ།

Read More »

ཀོ་ཝིཌ-༡༩་གི་རྒྱལ་ཡོངས་དུས་མཐུན་གནས་སྟངས།༼༠༢/༠༤/༢༠༢༡༽

དབྱིན་ཟླ་ ༤ པའི་དབྱིན་ཚེས་ ༡ ཚུན་གྱི་ རྒྱལ་ཡོངས་ཀོ་བིཌ་-༡༩ གི་ དུས་མཐུན་སྙན་ཞུ། ༉ འདས་པའི་ཆུ་ཚོད་༢༤ ནང་འཁོད་ལུ་ གནད་ཡམས་ ཀོ་བིཌ-༡༩ ཐོབ་མི་གསརཔཿ- ༣ བདའ་འཛུན་ཡོདཔ། འདི་ཡངཿསྐྱེས་ལོཿ– ༣༨-༤༧།ཕོ་མོའི་དབྱེ་བཿ– ཕོཿ ༢ དང་མོཿ ༡།མི་ཁུངསཿ- ༡ ཕྱིའི་མི་ཁུངསདང་ ༢་འབྲུག་པའི་མི་ཁུངས།ནོད་གཞིའི་དབྱེ་བཿ- ཕྱི་རྒྱལ་ལས་ ནང་འདྲེན༼ཁོང་གསུམ་ཆ་ར་ ད་རེས་ཁམས་ཅིག་ཁར་ ཕྱིའི་རྒྱལ་ཁབ་ནང་ལས་ འབྲུག་ལུ་ལྷོད་ཡོདཔ། ནད་གཞི་ཐོབ་མི་ ༡ ཕུན་ཚོགས་གླིང་གི་ ཟུར་ཞག་ལྟེ་བ་ཅིག་ནང་བཞག་ཡོདཔ་དང་ ༢ ཐིམ་ཕུག་གི་ ཟུར་ཞག་ལྟེ་བ་ཅིག་ནང་ཡོདཔ།༽ གསོ་བའི་ལྷན་ཁག་གིས་ ད་རེས་ ནད་འབུབ་ཐོབ་མི་ ༡ ནད་གཞི་ལས་ དྲག་ཡོདཔ་སྦེ་ གསལ་བསྒྲགས་འབད་མི་བརྩིས་ཏེ་ ནད་གཞི་ལས་དྲག་མི་ བརྒྱ་ཆ་༩༧.༨ ལུ་ ལྷོད་དེ་ཡོདཔ་ཨིན་པས། ད་རེས་དབྱིན་ཟླ་ ༤པའི་དབྱིན་ཚེས་ ༢ ཚུན་ལུ་ …

Read More »

ཀོ་ཝིཌ-༡༩་གི་རྒྱལ་ཡོངས་དུས་མཐུན་གནས་སྟངས།༼༠༡/༠༤/༢༠༢༡༽

དབྱིན་ཟླ་ ༣ པའི་དབྱིན་ཚེས་༣༡ ཚུན་གྱི་ རྒྱལ་ཡོངས་ཀོ་བིཌ་-༡༩ གི་ དུས་མཐུན་སྙན་ཞུ། ༉ འདས་པའི་ཆུ་ཚོད་༢༤ ནང་འཁོད་ལུ་ གནད་ཡམས་ ཀོ་བིཌ-༡༩ ཐོབ་མི་གསརཔཿ- ༡ བདའ་འཛུན་ཡོདཔ། འདི་ཡངཿསྐྱེས་ལོཿ– ༢༤།ཕོ་མོའི་དབྱེ་བཿ– ཕོ།མི་ཁུངསཿ- ཕྱིའི་མི་ཁུངས།ནོད་གཞིའི་དབྱེ་བཿ- ཕྱི་རྒྱལ་ལས་ ནང་འདྲེན༼ནད་གཞི་ཐོབ་མི་འདི་ ཕུན་ཚོགས་གླིང་གི་ ཟུར་ཞག་ལྟེ་བ་ཅིག་ནང་བཞག་ཡོདཔ།༽ གསོ་བའི་ལྷན་ཁག་གིས་ ད་རེས་ ནད་འབུབ་ཐོབ་མི་༢ ནད་གཞི་ལས་ དྲག་ཡོདཔ་སྦེ་ གསལ་བསྒྲགས་འབད་མི་བརྩིས་ཏེ་ ནད་གཞི་ལས་དྲག་མི་ བརྒྱ་ཆ་༩༩.༥ ལུ་ ལྷོད་དེ་ཡོདཔ་ཨིན་པས། རྒྱལ་ཁབ་ནང་གི་ ནད་བཀག་སྨན་བཙུགས་སྟེ་ ཉིམ་གཉིས་པཿད་རེས་ཚུན་ལུ་ མི་ཡོངས་བསྡོམས་ ༣༩༤,༧༦༥ ནད་བཀག་སྨན་ཁབ་བཙུགས་ཚར་ཡོད་མི་འདི་ འབྲུག་མི་མཐོ་བཀོད་འབད་ཡོད་ས་ལས་ བརྒྱ་ཆ་ ༧༩,༢༩%དེ་ཅིག་ཨིན་པས།

Read More »

ཀོ་ཝིཌ-༡༩་གི་རྒྱལ་ཡོངས་དུས་མཐུན་གནས་སྟངས།༼༣༡/༠༣/༢༠༢༡༽

དབྱིན་ཟླ་ ༣ པའི་དབྱིན་ཚེས་༣༠ ཚུན་གྱི་ རྒྱལ་ཡོངས་ཀོ་བིཌ་-༡༩ གི་ དུས་མཐུན་སྙན་ཞུ། ༉ འདས་པའི་ཆུ་ཚོད་༢༤ ནང་འཁོད་ལུ་ གནད་ཡམས་ ཀོ་བིཌ-༡༩ ཐོབ་མི་གསརཔཿ- ༡ བདའ་འཛུན་ཡོདཔ། འདི་ཡངཿསྐྱེས་ལོཿ– ༢༤།ཕོ་མོའི་དབྱེ་བཿ– ཕོ།མི་ཁུངསཿ- ཕྱིའི་མི་ཁུངས།ནོད་གཞིའི་དབྱེ་བཿ- ཕྱི་རྒྱལ་ལས་ ནང་འདྲེན༼ནད་གཞི་ཐོབ་མི་འདི་ ཕུན་ཚོགས་གླིང་གི་ ཟུར་ཞག་ལྟེ་བ་ཅིག་ནང་བཞག་ཡོདཔ།༽ གསོ་བའི་ལྷན་ཁག་གིས་ ད་རེས་ ནད་འབུབ་ཐོབ་མི་༢ ནད་གཞི་ལས་ དྲག་ཡོདཔ་སྦེ་ གསལ་བསྒྲགས་འབད་མི་བརྩིས་ཏེ་ ནད་གཞི་ལས་དྲག་མི་ བརྒྱ་ཆ་༩༩.༥ ལུ་ ལྷོད་དེ་ཡོདཔ་ཨིན་པས། རྒྱལ་ཁབ་ནང་གི་ ནད་བཀག་སྨན་བཙུགས་སྟེ་ ཉིམ་གཉིས་པཿད་རེས་ཚུན་ལུ་ མི་ཡོངས་བསྡོམས་ ༣༩༤,༧༦༥ ནད་བཀག་སྨན་ཁབ་བཙུགས་ཚར་ཡོད་མི་འདི་ འབྲུག་མི་མཐོ་བཀོད་འབད་ཡོད་ས་ལས་ བརྒྱ་ཆ་ ༧༩,༢༩%དེ་ཅིག་ཨིན་པས།

Read More »

ཀོ་ཝིཌ-༡༩་གི་རྒྱལ་ཡོངས་དུས་མཐུན་གནས་སྟངས།༼༢༨/༠༣/༢༠༢༡༽

དབྱིན་ཟླ་ ༣ པའི་དབྱིན་ཚེས་༢༧ ཚུན་གྱི་ རྒྱལ་ཡོངས་ཀོ་བིཌ་-༡༩ གི་ དུས་མཐུན་སྙན་ཞུ། ༉ འདས་པའི་ཆུ་ཚོད་༢༤ ནང་འཁོད་ལུ་ གནད་ཡམས་ ཀོ་བིཌ-༡༩ ཐོབ་མི་གསརཔཿ- ༡ བདའ་འཛུན་ཡོདཔ། འདི་ཡངཿསྐྱེས་ལོཿ– ༤༤།ཕོ་མོའི་དབྱེ་བཿ– ཕོ།མི་ཁུངསཿ- ཕྱིའི་མི་ཁུངས།ནོད་གཞིའི་དབྱེ་བཿ- ཕྱི་རྒྱལ་ལས་ ནང་འདྲེན༼ནད་གཞི་ཐོབ་མི་འདི་ ཕུན་ཚོགས་གླིང་གི་ ཟུར་ཞག་ལྟེ་བ་ཅིག་ནང་བཞག་ཡོདཔ།༽ རྒྱལ་ཁབ་ནང་གི་ ནད་བཀག་སྨན་བཙུགས་སྟེ་ ཉིམ་གཉིས་པཿ ད་རེས་ ཕྱི་རུའི་ཚོུད་ ༨ གྱི་ནང་མཁྱོད་ལུ་ མི་ཡོངས་བསྡོམས་ ༡༨༣,༢༧༡ ནད་བཀག་སྨན་བཙུགས་ཚར་ཡོད་མི་འདི་ ང་བཅས་འབྲུག་མི་ ཁྱད་ཚད་ཅན་ཡོངས་བསྡོམས་ ༥༢༦,༤༦༥ མཐོ་བཀོད་ཡོད་ས་ལས་ བརྒྱ་ཆ་ ༣༧.༥%དེ་ཅིག་ཨིན་པས། ནད་བཀག་སྨན་ཁབ་བཙུགས་པའི་ཤུལ་ མི་མང་ཤོས་རང་ མགུ་ཏོ་ན་ནི་དང་ དྲོད་པ་རྐྱབ་ནི་ དེ་ལས་ ཐང་ཆད་ནི་ལ་སོགས་པ་ཚུ་ལས་ ན་ཡོདཔ་ཨིན་པས། ཌོག་ཊར་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ སྨན་ཁབ་དེ་ལུ་བརྟེན་ ན་ཟུག་རྐྱབ་མི་དེ་ …

Read More »

ཀོ་ཝིཌ-༡༩་གི་རྒྱལ་ཡོངས་དུས་མཐུན་གནས་སྟངས།༼༢༠/༠༣/༢༠༢༡༽

དབྱིན་ཟླ་ ༣ པའི་དབྱིན་ཚེས་༡༩ ཚུན་གྱི་ རྒྱལ་ཡོངས་ཀོ་བིཌ་-༡༩ གི་ དུས་མཐུན་སྙན་ཞུ། ༉ འདས་པའི་ཆུ་ཚོད་༢༤ ནང་འཁོད་ལུ་ གནད་ཡམས་ ཀོ་བིཌ-༡༩ ཐོབ་མི་གསརཔཿ ༡ བདའ་འཛུན་ཡོདཔ།སྐྱེས་ལོཿ ༢༨།ཕོ་མོའི་དབྱེ་བཿ ཨམ་སྲུ།མི་ཁུངསཿ འབྲུག་པའི་མི་ཁུངས།ནོད་གཞིའི་དབྱེ་བཿ ཕྱི་རྒྱལ་ལས་ ནང་འདྲེན༼ནད་གཞི་ཐོབ་མི་ཨམ་སྲུ་འདི་ འཕྲེལ་ཁམས་ཅིག་ཁར་ འབྲུག་རྒྱལ་ཁབ་ནང་ལྷོད་པའི་ཤུལ་ཕུན་ཚོགས་གླིང་གི་ ཟུར་ཞག་ལྟེ་བ་ཅིག་ནང་བཞག་ཡོདཔ།༽ ད་རེས་ཕྱི་རུའི་ཚོུད་ ༥ ཚུན་ལུ་ མི་སེར་ཡོངས་བསྡོམས་ ༤༩༡,༥༨༣ གྱི་ ནད་ཡམས་ཀོ་བིཌ་-༡༩ འི་ ནད་བཀག་སྨན་ཁབ་བཙུགས་ནིའི་དོན་ལུ་ ཐོ་བཀོད་འབད་ཡོདཔ། ང་བཅས་རའི་རྒྱལ་ཁབ་དང་མི་སེར་ཉེན་སྲུང་གི་དོན་ལུ་ ནད་ཡམས་ཀོ་བིཌ་-༡༩ འི་ ནད་བཀག་སྨན་ཁབ་བཙུགས་ནིའི་དོན་ལུ་ ཡོངས་འབྲེལ་འཆར་སྒོཿ ༼https://bvs.moh.gov.bt༽འདི་ནང་ ཐོ་བཀོད་མཛད་གནང་། ༼གསོ་བའི་ལྷན་ཁག་གི་དོང་འདེབ་ལས།༽

Read More »

ཀོ་ཝིཌ-༡༩་གི་རྒྱལ་ཡོངས་དུས་མཐུན་གནས་སྟངས།༼༡༤/༠༢/༢༠༢༡༽

དབྱིན་ཟླ་ ༢ པའི་དབྱིན་ཚེས་༡༣ ཚུན་གྱི་ རྒྱལ་ཡོངས་ཀོ་བིཌ་-༡༩ གི་ དུས་མཐུན་སྙན་ཞུ། ༉ འདས་པའི་ཆུ་ཚོད་༢༤ ནང་འཁོད་ལུ་ གནད་ཡམས་ ཀོ་བིཌ-༡༩ ཐོབ་མི་གསརཔཿ ༡ བདའ་འཛུན་ཡོདཔ། སྐྱེས་ལོ་ ༤༢།ཕོ་མོའི་དབྱེ་བཿ ཕོ།མི་ཁུངསཿ འབྲུག་པའི་མི་ཁུངས།ནོད་གཞིའི་དབྱེ་བཿ ཕྱི་རྒྱལ་ལས་ ནང་འདྲེན༼ནད་གཞི་ཐོབ་མི་འདི་ འཕྲེལ་ཁམས་ཅིག་ཁར་ འབྲུག་རྒྱལ་ཁབ་ནང་ལྷོད་ཡོདཔ།༽ཟུར་ཞག་ལྟེ་བཿ སྤ་རོ་ལུ། གསོ་བའི་ལྷན་ཁག་གིས་ ད་རེས་ ནད་འབུབ་ཐོབ་མི་༡ ནད་གཞི་ལས་ དྲག་ཡོདཔ་སྦེ་ གསལ་བསྒྲགས་འབད་མི་བརྩིས་ཏེ་ ནད་གཞི་ལས་དྲག་མི་ བརྒྱ་ཆ་༩༩.༠༧ ལུ་ ལྷོད་དེ་ཡོདཔ་ཨིན་པས། ༼གསོ་བའི་ལྷན་ཁག་གི་དོང་འདེབ་ལས།༽

Read More »

ཀོ་ཝིཌ-༡༩་གི་རྒྱལ་ཡོངས་དུས་མཐུན་གནས་སྟངས།༼༡༢/༠༢/༢༠༢༡༽

དབྱིན་ཟླ་ ༢ པའི་དབྱིན་ཚེས་༡༡ ཚུན་གྱི་ རྒྱལ་ཡོངས་ཀོ་བིཌ་-༡༩ གི་ དུས་མཐུན་སྙན་ཞུ། ༉ འདས་པའི་ཆུ་ཚོད་༢༤ ནང་འཁོད་ལུ་ སྤ་རོ་གི་ ཟུར་བཞག་མཐུན་རྐྱེན་ལྟེ་བ་ཅིག་ལས་ སྐྱེས་ལོ་ ༣༢ ༼འབྲུག་པའི་མི༽་དང་ ༤༧༼ཕྱིའི་མི་ཁུངས༽ ལང་མི་ཕོ་སྐྱེས་༢ གནད་ཡམས་ ཀོ་བིཌ-༡༩ ཡོདཔ་སྦེ་བདའ་འཛུན་ཡོདཔ། ནད་ཡམས་ཐོབ་མི་གཉིས་ཆ་རང་ ཕྱི་རྒྱལ་ལས་འོང་མི་ཨིན་པས། གསོ་བའི་ལྷན་ཁག་གིས་ ད་རེས་ ནད་འབུབ་ཐོབ་མི་༡ ནད་གཞི་ལས་ དྲག་ཡོདཔ་སྦེ་ གསལ་བསྒྲགས་འབད་མི་བརྩིས་ཏེ་ ནད་གཞི་ལས་དྲག་མི་ བརྒྱ་ཆ་༩༩.༠༧ ལུ་ ལྷོད་དེ་ཡོདཔ་ཨིན་པས། ༼གསོ་བའི་ལྷན་ཁག་གི་དོང་འདེབ་ལས།༽

Read More »

ཀོ་ཝིཌ-༡༩་གི་རྒྱལ་ཡོངས་དུས་མཐུན་གནས་སྟངས།༼༠༥/༠༢/༢༠༢༡༽

དབྱིན་ཟླ་ ༢ པའི་དབྱིན་ཚེས་༠༥ ཚུན་གྱི་ རྒྱལ་ཡོངས་ཀོ་བིཌ་-༡༩ གི་ དུས་མཐུན་སྙན་ཞུ། ༉ འདས་པའི་ཆུ་ཚོད་༢༤ ནང་འཁོད་ལུ་ སྤ་རོ་གི་ ཟུར་བཞག་མཐུན་རྐྱེན་ལྟེ་བ་ཅིག་ལས་ ཕྱིའི་རྒྱལ་ཁབ་ལས་ལོག་འོང་མི་ སྐྱེ་ལོ་༤༥ ལང་མི་ཨམ་སྲུ་༡ དང་ སྐྱེས་ལོ་༣༦ ལང་མི་ ཕོ་སྐྱེས༡ ལུ་ ནད་ཡམས་འདི་ཐོབ་ཡོདཔ་སྦེ་བདའ་འཛུན་ཡོདཔ། གསོ་བའི་ལྷན་ཁག་གིས་ ད་རེས་ ནད་འབུབ་ཐོབ་མི་ ༥ ནད་གཞི་ལས་  དྲག་ཡོདཔ་སྦེ་ གསལ་བསྒྲགས་འབད་མི་བརྩིས་ཏེ་ ནད་གཞི་ལས་དྲག་མི་ བརྒྱ་ཆ་༩༨.༩༥ ལུ་ ལྷོད་དེ་ཡོདཔ་ཨིན་པས། ༼གསོ་བའི་ལྷན་ཁག་གི་དོང་འདེབ་ལས།༽

Read More »

ཀོ་ཝིཌ-༡༩་གི་རྒྱལ་ཡོངས་དུས་མཐུན་གནས་སྟངས།༼༣༡/༠༡/༢༠༢༡༽

དབྱིན་ཟླ་ ༡ པའི་དབྱིན་ཚེས་༣༠ ཚུན་གྱི་ རྒྱལ་ཡོངས་ཀོ་བིཌ་-༡༩ གི་ དུས་མཐུན་སྙན་ཞུ། ༉ འདས་པའི་ཆུ་ཚོད་༢༤ ནང་འཁོད་ལུ་ ཐིམ་ཕུག་ གཟི་ལུང་ཁ་ལས་ སྐྱེས་ལོ་༢༢ ལང་མི་ ཕོ་སྐྱེས་ཅིག་ལུ་ ཀོ་བིཌ-༡༩ ཐོབ་ཡོདཔ་སྦེ་ ངོས་འཛིན་བྱུང་ཡོདཔ་ད་ ནདཔ་དེ་ཡང་ ཧེ་མ་ལས་ ནད་འབུབ་ཐོབ་མི་ཚུ་དང་ ཐད་ཀར་དུ་ འབྲེལ་བ་འཐབ་མི་ཅིག་ཨིན་པས། དྲན་གསོ། ནད་འབུབ་ཐོབ་མི་ སྐྱེས་ལོ་༢༢ ལང་མི་དེ་ ཧེ་མ་ལས་ ས་གོ་ཚུ་ ཕར་ཚུར་འགྱོ་མ་ཆོག་པའི་ ས་གནས་ནང་ སྡོད་མི་ཨིནམ་བཞིན་དུ་ འབྲེལ་ཡོད་ལས་སྡེ་ཚུ་གིས་ ས་གོ་དེ་ ལྟ་རྟོག་དམ་དམ་སྦེ་ར་ འབད་ཡོདཔ་ལས་ ནད་འབུབ་དེ་ མི་སྡེ་ལས་ ཐོན་ཐོནམ་མེན་ཟེར་ ཨིན་པའི་གནས་ཚུལ་མདོར་བསྡུས། གསོ་བའི་ལྷན་ཁག་གིས་ ད་རེས་ ནད་འབུབ་ཐོབ་མི་༣༢ ནད་གཞི་ལས་ དྲག་ཡོདཔ་སྦེ་ གསལ་བསྒྲགས་འབད་མི་བརྩིས་ཏེ་ ནད་གཞི་ལས་དྲག་མི་ བརྒྱ་ཆ་༩༤.༧༦ ལུ་ ལྷོད་དེ་ཡོདཔ་ཨིན་པས། …

Read More »

ཀོ་ཝིཌ-༡༩་གི་རྒྱལ་ཡོངས་དུས་མཐུན་གནས་སྟངས།༼༢༩/༠༡/༢༠༢༡༽

དབྱིན་ཟླ་ ༡ པའི་དབྱིན་ཚེས་༢༨ ཚུན་གྱི་ རྒྱལ་ཡོངས་ཀོ་བིཌ་-༡༩ གི་ དུས་མཐུན་སྙན་ཞུ། ༉ འདས་པའི་ཆུ་ཚོད་༢༤ ནང་འཁོད་ལུ་ སྤ་རོ་གི་ ཟུར་བཞག་མཐུན་རྐྱེན་ལྟེ་བ་ཅིག་ལས་ སྐྱེས་ལོ་༣༢ ལང་མི་ ཕྱིའི་མིི་ཁུངས་ ཨམ་སྲུ་ཅིག་ལུ་ ཀོ་བིཌ-༡༩ ཐོབ་ཡོདཔ་སྦེ་ ངོས་འཛིན་བྱུང་ནུག། གསོ་བའི་ལྷན་ཁག་གིས་ ད་རེས་ ནད་འབུབ་ཐོབ་མི་ ༤ ནད་གཞི་ལས་ དྲག་ཡོདཔ་དང་ ད་ཚུན་ ནད་གཞི་ལས་ དྲག་མི་གནས་ཚད་༩༠. ༩༡ ལྷོད་དེ་ཡོད་པའི་གནས་ཚུལ་ལུ། ༼གསོ་བའི་ལྷན་ཁག་གི་དོང་འདེབ་ལས།༽

Read More »

ཀོ་ཝིཌ-༡༩་གི་རྒྱལ་ཡོངས་དུས་མཐུན་གནས་སྟངས།༼༢༨/༠༡/༢༠༢༡༽

དབྱིན་ཟླ་ ༡ པའི་དབྱིན་ཚེས་༢༧ ཚུན་གྱི་ རྒྱལ་ཡོངས་ཀོ་བིཌ་-༡༩ གི་ དུས་མཐུན་སྙན་ཞུ། ༉ ཐིམ་ཕུག་ བདེ་ཆེན་ཆོས་གླིང་ལས་ སྐྱེས་ལོ་༡༩ ལང་མི་ ཕོ་སྐྱེས་༡ ལུ ཀོ་བིཌ-༡༩ ཐོབ་ཡོདཔ་སྦེ་ བདའ་ཟུན་མི་འདི་ མི་སྡེ་ནང་ལས་ མེན་པར་ ཧེ་མ་ལས་ ནད་འབུབ་ཐོབ་མི་ཅིག་དང་ ཐད་ཀར་དུ་ འབྲེལ་བ་འཐབ་མི་ཅིག་ཨིན་པས། ནད་གཞི་ཐོབ་ཡོད་པའི་ ཕོ་སྐྱེས་་སྡོད་སའི་ ས་ཁོངས་དེ་ནང་ མི་ཕར་ཚུར་འགྱོ་ནི་དང་ ཁྱིམ་ནང་ལས་ ཕྱི་ཁར་འཐོན་ནི་ཚུ་ བཀག་ཆ་འབད་ཡོད། གསོ་བའི་ལྷན་ཁག་གིས་ ད་རེས་ ནད་འབུབ་ཐོབ་མི་ ༡༢ ནད་གཞི་ལས་ དྲག་ཡོདཔ་དང་ རྒྱལ་ཡོངས་ཀྱི་ ནད་གཞི་དྲག་ཡོད་པའི་རྒྱ་ཆ་ ༩༠.༥༥% ལུ་ལྷོད་ཡོད་པའི་གསལ་བསྒྲགས། ༼གསོ་བའི་ལྷན་ཁག་གི་དོང་འདེབ་ལས།༽

Read More »

ཀོ་ཝིཌ-༡༩་གི་རྒྱལ་ཡོངས་དུས་མཐུན་གནས་སྟངས།༼༢༤/༠༡/༢༠༢༡༽

དབྱིན་ཟླ་ ༡ པའི་དབྱིན་ཚེས་༢༣ ཚུན་གྱི་ རྒྱལ་ཡོངས་ཀོ་བིཌ་-༡༩ གི་ དུས་མཐུན་སྙན་ཞུ། ༉ འདས་པའི་ཆུ་ཚོད་༢༤ ནང་འཁོད་ལུ་ ཕུན་ཚོགས་གླིང་གི་ ཟུར་བཞག་མཐུན་རྐྱེན་ལྟེ་བ་ཅིག་ལས་ སྐྱེས་ལོ་༤༢ ལང་མི་ ཕོ་སྐྱེས་ཅིག་ལུ་ ཀོ་བིཌ-༡༩ ཐོབ་ཡོདཔ་སྦེ བདའ་ཟུན་ཡོདཔ། གསོ་བའི་ལྷན་ཁག་གིས་ ད་རེས་ ནད་འབུབ་ཐོབ་མི་ ༢༣ ནད་གཞི་ལས་ དྲག་ཡོད་པའི་གསལ་བསྒྲགས། ༼གསོ་བའི་ལྷན་ཁག་དང་ ཀུན་གསལ་གྱི་དོང་འདེབ་ལས།༽

Read More »

ཀོ་ཝིཌ-༡༩་གི་རྒྱལ་ཡོངས་དུས་མཐུན་གནས་སྟངས།༼༢༣/༠༡/༢༠༢༡༽

དབྱིན་ཟླ་ ༡ པའི་དབྱིན་ཚེས་༢༢ ཚུན་གྱི་ རྒྱལ་ཡོངས་ཀོ་བིཌ་-༡༩ གི་ དུས་མཐུན་སྙན་ཞུ། ༉ འདས་པའི་ཆུ་ཚོད་༢༤ ནང་འཁོད་ལུ་ ཐིམ་ཕུག་ ལྕང་ཟམ་ཏོག་གི་ ས་ཁོངས་ལས་ མི་༣ ལུ་ ཀོ་བིཌ-༡༩ ཐོབ་ཡོདཔ་སྦེ་ བདའ་ཟུན་ཡོདཔ།ནད་འབུབ་ཐོབ་མི་ཚུ་ཡང་ སྐྱེས་ལོ་༡༢ ལས་༢༢ བར་ན་འབད་མི་ ཕོ་སྐྱེས་༢ དང་ཨམ་སྲུ་༡ ཨིནམ་དང་ ག་ར་ ཧེ་མ་ལས་ ནད་འབུབ་ཐོབ་མི་ཚུ་དང་ ཐད་ཀར་དུ་ འབྲེལ་བ་འཐབ་མི་ཨིན་པས། གསོ་བའི་ལྷན་ཁག་གིས་ ད་རེས་ ནད་འབུབ་ཐོབ་མི་ ༢༣ ནད་གཞི་ལས་ དྲག་ཡོད་པའི་གསལ་བསྒྲགས། ༼གསོ་བའི་ལྷན་ཁག་དང་ ཀུན་གསལ་གྱི་དོང་འདེབ་ལས།༽

Read More »