འདས་པའི་ཆུ་ཚོད་༢༤ ནང་འཁོད་ལུ་ མི་༣ ལུ་ ཀོ་བིཌ-༡༩ ཐོབ་ཡོདཔ།
༉ དེ་ཡང་ བུམ་ཐང་གི་ ཚ་རིམས་སྨན་བཅོས་ལྟེ་བ་ལས་ སྐྱེས་ལོ་༣༨ ལང་མི་ ཕོ་སྐྱེས་༡ དང་ ཐིམ་ཕུག་ལུ་ ཧེ་མ་ལས་ ནད་འབུབ་ཐོབ་མི་དང་ ཐད་ཀར་དུ་ འབྲེལ་འཐབ་མི་ སྐྱེས་ལོ་༣༩ དང་༣༤ ལང་མི་ ཕོ་སྐྱེས་༢ ལུ་ ནད་འབུབ་ཐོབ་ཡོདཔ་སྦེ་ བདའ་ཟུན་ནུག།
གསོ་བ་ལྷན་ཁག་དང་འཁྲིལཝ་ད་ ད་རེས་ ནད་འབུབ་ཐོབ་མི་༥ ནད་གཞི་ལས་ དྲག་ཡོདཔ་སྦེ་ གསལ་བསྒྲགས་འབད་ནུག།
རྒྱལ་ཁབ་ཕྱི་ཁར་སྡོད་མི་ འབྲུག་མི་༧ ལུ་ ཀོ་བིཌ-༡༩ ཐོབ་སྟེ་ ཡོདཔ་ཨིན་པས།
༼གསོ་བའི་ལྷན་ཁག་དང་ ཀུན་གསལ་དོང་འདེབ་ལས།༽

རྐྱེན་ངན་འཛིན་སྐྱོངས་ལས་ཁུངས། ནང་སྲིད་དང་ སྲོལ་འཛིན་ལྷན་ཁག། ཉེན་སྲུང་ཅན་ སྟོབས་ཤུགས་ཅན་དང་ སྐྱིད་པའི་འབྲུག་གཡུལ།