ཀོ་ཝིཌ-༡༩་གི་རྒྱལ་ཡོངས་དུས་མཐུན་གནས་སྟངས།༼༠༩/༠༡/༢༠༢༡༽

འདས་པའི་ཆུ་ཚོད་༢༤ ནང་འཁོད་ལུ་ ཀོ་བིཌ-༡༩ ཐོབ་མི་གསརཔ་ ༣༩ བདའ་ཟུན་ཡོདཔ།

༉ དེ་ཡང་ སྐྱེས་ལོ་ ༣ ལས་ ༣༡ གྱི་བར་ན་འབད་མི་ ཕོ་སྐྱེས་ ༣༦ དང་ ཨམ་སྲུ་ ༣ ཨིནམ་དང་ འདིའི་ནང་སྲད་དབྱེ་བ༔

– ༡ སྤ་རོ་ལས་ཨིན་མི་འདི་ཡང་ ཧེ་མ་ལས་ ནད་འབུབ་ཐོབ་ཡོད་མི་དང་ ཐད་ཀར་དུ་ འབྲེལ་བ་འཐབ་མི་ཨིན་པས།
– གཞན་མི་ ༣༨ ག་ར་ཐིམ་ཕུག་ལུ་ཐོབ་ཡོདཔ་དང་ དེ་ཡང་ ཧེ་མ་ལས་ ནད་འབུབ་ཐོབ་མི་དང་ ཐད་ཀར་དུ་ འབྲེལ་བ་འཐབ་མི་ཨིན་པས། ༼གཟི་ལུང་ཁ་ལས་ ༣༤ དང་ ལྕང་ཟམ་ཏོག་ལས་ ༤།༽

གསོ་བའི་ལྷན་ཁག་གིས་ ད་རེས་ ནད་འབུབ་ཐོབ་མི་ ༡ ནད་གཞི་ལས་ དྲག་ཡོདཔ་སྦེ་ གསལ་བསྒྲགས་འབད་ཡོདཔ།

༼གསོ་བའི་ལྷན་ཁག་གི་དོང་འདེབ་ལས།༽

Check Also

གནམ་གཤིས་གསལ་བསྒྲགས། ༼༡༧/༡༠/༢༠༢༡༽

སྤྱི་ཚེས་ ༡༧/༡༠/༢༠༢༡ ལུ། ནུབ་ཕྱོགས་ལུ་རླུང་ཤུགས་ཀྱི་རིང་ལུགས་འཁྲུག་པའི་རྐྱེན་གྱིས་ སྤྱི་ཟླ་ ༡༠ པའི་སྤྱི་ཚེས་ ༡༨ ལས་ ༢༠ ཚུན་ དུས་ཡུན་ཆུ་ཚོད་ ༧༢ ཀྱི་རིང་ རྒྱལ་ཁབ་ནང་འཁོད་ …