ཀོ་ཝིཌ-༡༩་གི་རྒྱལ་ཡོངས་དུས་མཐུན་གནས་སྟངས།༼༠༨/༠༡/༢༠༢༡༽

འདས་པའི་ཆུ་ཚོད་༢༤ ནང་འཁོད་ལུ་ ཀོ་བིཌ-༡༩ ཐོབ་མི་གསརཔ་ ༤ བདའ་ཟུན་ཡོདཔ།

༉ དེ་ཡང་ སྐྱེས་ལོ་ ༨ ལས་ ༤༢ གྱི་བར་ན་འབད་མི་ ཕོ་སྐྱེས་ ༣ དང་ ཨམ་སྲུ་ ༡ ཨིནམ་དང་ འདིའི་ནང་སྲད་དབྱེ་བ༔

– ༡ སྤ་རོ་ཤ་བ་ལས་ ཧེ་མ་ལས་ ནད་འབུབ་ཐོབ་ཡོད་མི་དང་ ཐད་ཀར་དུ་ འབྲེལ་བ་འཐབ་མི་ཨིན་པས།
– གཞན་མི་ ༣ ག་ར་ཐིམ་ཕུག་ལུ་ཐོབ་ཡོདཔ་དང་ དེ་ཡངཿ
> ༡ དེ་ཧེ་མ་ལས་ ནད་འབུབ་ཐོབ་མི་དང་ ཐད་ཀར་དུ་ འབྲེལ་བ་འཐབ་མི་ཨིན་པས། ༼ས་གནས་༔ སེམས་ཏོག་ཁ།༽
– ༢ དེ་རྒྱལ་གཞུང་འབྲུག་གི་འགག་སྡེའི་ ཚ་རིམས་སྨན་བཅོས་ཁང་ནང་ལས་ཐོབ་ཡོདཔ་ཨིན་པས། ༼སྡོད་གནསཿ ལྕང་ཟམ་ཏོག།༽

གསོ་བའི་ལྷན་ཁག་གིས་ ད་རེས་ ནད་འབུབ་ཐོབ་མི་ ༦ ནད་གཞི་ལས་ དྲག་ཡོདཔ་སྦེ་ གསལ་བསྒྲགས་འབད་ཡོདཔ།

སྐྱེས་ལོ་ ༣༤ ལང་མི་ ཕོ་སྐྱེས་འདི་ ཧེ་མ་ལས་ཡུན་རིངམ་སོང་ཡོད་པའི་ མཆིནམ་པའི་ནད་གཞི་ཡོད་པའི་གུར་ མཁལ་རྡོག་གི་ནད་གཞི་ཡང་ཡོད་མི་དེ་ འབྲུག་རྒྱལ་ཁབ་ནང་ལུ་ ནད་གཞི་ ཀོ་ཝིཌ-༡༩་ ཐོབ་ཏེ་ ཤི་རྐྱེན་འབྱུང་མི་ འགོ་དང་པ་ཨིན་པའི་གསལ་བསྒྲགས་འབད་ཡོདཔ།

༼གསོ་བའི་ལྷན་ཁག་གི་དོང་འདེབ་ལས།༽

Check Also

གནམ་གཤིས་གསལ་བསྒྲགས། ༼༡༧/༡༠/༢༠༢༡༽

སྤྱི་ཚེས་ ༡༧/༡༠/༢༠༢༡ ལུ། ནུབ་ཕྱོགས་ལུ་རླུང་ཤུགས་ཀྱི་རིང་ལུགས་འཁྲུག་པའི་རྐྱེན་གྱིས་ སྤྱི་ཟླ་ ༡༠ པའི་སྤྱི་ཚེས་ ༡༨ ལས་ ༢༠ ཚུན་ དུས་ཡུན་ཆུ་ཚོད་ ༧༢ ཀྱི་རིང་ རྒྱལ་ཁབ་ནང་འཁོད་ …