ཀོ་ཝིཌ-༡༩་གི་རྒྱལ་ཡོངས་དུས་མཐུན་གནས་སྟངས།༼༠༧/༠༡/༢༠༢༡༽

འདས་པའི་ཆུ་ཚོད་༢༤ ནང་འཁོད་ལུ་ ཀོ་བིཌ-༡༩ ཐོབ་མི་གསརཔ་ ༡༢ བདའ་ཟུན་ཡོདཔ།

༉ དེ་ཡང་ སྐྱེས་ལོ་ ༡ ལས་ ༧༢ གྱི་བར་ན་འབད་མི་ ཕོ་སྐྱེས་ ༦ དང་ ཨམ་སྲུ་ ༦ ཨིནམ་དང་ འདིའི་ནང་སྲད་དབྱེ་བ༔

– སྤ་རོ་ལས་ ༢ ཐོབ་ཡོདཔ་དང་ དེ་ཡང་ ཕྱིའི་མི་ རྒྱལ་ཁབ་ནང་ལྷོད་དེ་ ཟུར་བཞག་མཐུན་རྐྱེན་ལྟེ་བའི་ནང་སྡོད་མི་དང་ ༡ ཧེ་མ་ལས་ ནད་འབུབ་ཐོབ་ཡོད་མི་དང་
ཐད་ཀར་དུ་ འབྲེལ་བ་འཐབ་མི་ཨིན་པས། ༼ས་གནསཿ ཤ་བ།༽
– གཞན་མི་ ༡༠ ག་ར་ཐིམ་ཕུག་ལུ་ཐོབ་ཡོདཔ་དང་ དེ་ཡངཿ
> ༤ དེ་ཧེ་མ་ལས་ ནད་འབུབ་ཐོབ་མི་དང་ ཐད་ཀར་དུ་ འབྲེལ་བ་འཐབ་མི་ཨིན་པས། ༼ས་གནས་༔ ལྕང་ཟམ་ཏོག། ལུང་བསྟན་ཕུག། སེམས་ཏོག་
ཁ། དང་བར་བི་ས།༽
– ༦ འདི་ལྕང་ཟམ་ཏོག་ མི་སྡེ་ནང་ མི་མང་བརྟག་དཔྱད་འབདཝ་ད་ཐོབ་ཡོདཔ་ཨིན་པས།

༼གསོ་བའི་ལྷན་ཁག་གི་དོང་འདེབ་ལས།༽

Check Also

གནམ་གཤིས་གསལ་བསྒྲགས། ༼༡༧/༡༠/༢༠༢༡༽

སྤྱི་ཚེས་ ༡༧/༡༠/༢༠༢༡ ལུ། ནུབ་ཕྱོགས་ལུ་རླུང་ཤུགས་ཀྱི་རིང་ལུགས་འཁྲུག་པའི་རྐྱེན་གྱིས་ སྤྱི་ཟླ་ ༡༠ པའི་སྤྱི་ཚེས་ ༡༨ ལས་ ༢༠ ཚུན་ དུས་ཡུན་ཆུ་ཚོད་ ༧༢ ཀྱི་རིང་ རྒྱལ་ཁབ་ནང་འཁོད་ …