ཀོ་ཝིཌ-༡༩་གི་རྒྱལ་ཡོངས་དུས་མཐུན་གནས་སྟངས།༼༠༦/༠༡/༢༠༢༡༽

འདས་པའི་ཆུ་ཚོད་༢༤ ནང་འཁོད་ལུ་ ཀོ་བིཌ-༡༩ ཐོབ་མི་གསརཔ་ ༢༡ བདའ་ཟུན་ཡོདཔ།

༉ དེ་ཡང་ སྐྱེས་ལོ་ ༢ ལས་ ༧༡ གྱི་བར་ན་འབད་མི་ ཕོ་སྐྱེས་ ༡༢ དང་ ཨམ་སྲུ་ ༩ ཨིནམ་དང་ འདིའི་ནང་སྲད་དབྱེ་བ ༔

– ཕྱིའི་མི་ རྒྱལ་ཁབ་ནང་ལྷོད་དེ་ ཕུན་ཚོགས་གླིང་ལུ་ ཟུར་བཞག་མཐུན་རྐྱེན་ལྟེ་བའི་ནང་སྡོད་མི་ ༡ ལུ་ ནད་འབུབ་ཐོབ་ཡོདཔ་དང་།
– ༡ སྤ་རོ་ ཚ་རིམས་སྨན་བཅོས་ཁང་ནང་ལས་ཐོབ་ཡོདཔ། ༼སྡོད་གནསཿ ལམ་སྒོང་རྒེད་འོག།༽
– གཞན་མི་ ༡༩ ག་ར་ཐིམ་ཕུག་ལུ་ཐོབ་ཡོདཔ་དང་ དེ་ཡངཿ
> ༡༧ དེ་ཧེ་མ་ལས་ ནད་འབུབ་ཐོབ་མི་དང་ ཐད་ཀར་དུ་ འབྲེལ་བ་འཐབ་མི་ཨིན་པས། ༼ས་གནས་༔ ལྕང་ཟམ་ཏོག་ལས་ ༡། ལུང་བསྟན་ཕུག་ལས་ ༤། སེམས་ཏོག་
ཁ་ལས་ ༡། བདེ་ཆེན་ཆོས་གླིང་ལས་ ༩ དང་བར་བི་ས་ལས་ ༢།༽
– ༡ ལུང་བསྟན་ཕུག་ ཚ་རིམས་སྨན་བཅོས་ཁང་ནང་ལས་ཐོབ་ཡོདཔ། ༼སྡོད་གནསཿ དབྱངས་ཅན་ཕུག།༽
– ལྕང་གླིང་མེད་ཐང་ ཚ་རིམས་སྨན་བཅོས་ཁང་ནང་ལས་ ལམ་འགྲུལ་པ་ ༡། ༼སྡོད་གནསཿ བར་བི་ས།༽

གསོ་བ་ལྷན་ཁག་གིས་ ད་རེས་ ནད་འབུབ་ཐོབ་མི་ ༣ ནད་གཞི་ལས་ དྲག་ཡོདཔ་སྦེ་ གསལ་བསྒྲགས་འབད་ཡོདཔ།

༼གསོ་བའི་ལྷན་ཁག་གི་དོང་འདེབ་ལས།༽

Check Also

གནམ་གཤིས་གསལ་བསྒྲགས། ༼༡༧/༡༠/༢༠༢༡༽

སྤྱི་ཚེས་ ༡༧/༡༠/༢༠༢༡ ལུ། ནུབ་ཕྱོགས་ལུ་རླུང་ཤུགས་ཀྱི་རིང་ལུགས་འཁྲུག་པའི་རྐྱེན་གྱིས་ སྤྱི་ཟླ་ ༡༠ པའི་སྤྱི་ཚེས་ ༡༨ ལས་ ༢༠ ཚུན་ དུས་ཡུན་ཆུ་ཚོད་ ༧༢ ཀྱི་རིང་ རྒྱལ་ཁབ་ནང་འཁོད་ …