ཀོ་ཝིཌ-༡༩་གི་རྒྱལ་ཡོངས་དུས་མཐུན་གནས་སྟངས།༼༠༤/༠༡/༢༠༢༡༽

འདས་པའི་ཆུ་ཚོད་༢༤ ནང་འཁོད་ལུ་ ཀོ་བིཌ-༡༩ ཐོབ་མི་གསརཔ་ ༡༨ བདའ་ཟུན་ཡོདཔ།

༉ དེ་ཡང་ སྐྱེས་ལོ་ ༡༣ ལས་ ༨༠ གྱི་བར་ན་འབད་མི་ ཕོ་སྐྱེས་ ༡༠ དང་ ཨམ་སྲུ་ ༨ ཨིནམ་དང་ འདིའི་ནང་སྲད་དབྱེ་བ ༔

– ཕྱིའི་མི་ རྒྱལ་ཁབ་ནང་ལྷོད་དེ་ བསམ་གྲུབ་ལྗོང་མཁར་ལུ་ ཟུར་བཞག་མཐུན་རྐྱེན་ལྟེ་བའི་ནང་སྡོད་མི་ ༡ ལུ་ ནད་འབུབ་ཐོབ་ཡོདཔ་དང་།
– གཞན་མི་ ༡༧ ག་ར་ཧེ་མ་ལས་ ནད་འབུབ་ཐོབ་མི་དང་ ཐད་ཀར་དུ་ འབྲེལ་བ་འཐབ་མི་ཨིན་པས། ༼ས་གནས་༔ སེམས་ཏོག་ཁ་ལས་ ༦ དེབ་སི་ལས་ ༡ བདེ་ཆེན་ཆོས་གླིང་ལས་ ༧ གང་ཅད་དང་ཉི་ཟེར་གང་ལས་ ༡ དང་ཐིམ་ཕུག་ཁྲོམ་ལྟེ་བ་ལས་ ༢།༽

གསོ་བ་ལྷན་ཁག་གིས་ ད་རེས་ ནད་འབུབ་ཐོབ་མི་ ༣ ནད་གཞི་ལས་ དྲག་ཡོདཔ་སྦེ་ གསལ་བསྒྲགས་འབད་ཡོདཔ།

༼གསོ་བའི་ལྷན་ཁག་གི་དོང་འདེབ་ལས།༽

Check Also

གནམ་གཤིས་གསལ་བསྒྲགས། ༼༡༧/༡༠/༢༠༢༡༽

སྤྱི་ཚེས་ ༡༧/༡༠/༢༠༢༡ ལུ། ནུབ་ཕྱོགས་ལུ་རླུང་ཤུགས་ཀྱི་རིང་ལུགས་འཁྲུག་པའི་རྐྱེན་གྱིས་ སྤྱི་ཟླ་ ༡༠ པའི་སྤྱི་ཚེས་ ༡༨ ལས་ ༢༠ ཚུན་ དུས་ཡུན་ཆུ་ཚོད་ ༧༢ ཀྱི་རིང་ རྒྱལ་ཁབ་ནང་འཁོད་ …