ཀོ་ཝིཌ-༡༩་གི་རྒྱལ་ཡོངས་དུས་མཐུན་གནས་སྟངས།༼༠༣/༠༡/༢༠༢༡༽

འདས་པའི་ཆུ་ཚོད་༢༤ ནང་འཁོད་ལུ་ ཀོ་བིཌ-༡༩ ཐོབ་མི་གསརཔ་ ༦ བདའ་ཟུན་ཡོདཔ།

༉ དེ་ཡང་ སྐྱེས་ལོ་ ༢༣ ལས་ ༦༦ གྱི་བར་ན་འབད་མི་ ཕོ་སྐྱེས་༥ དང་ ཨམ་སྲུ་ ༡ ཨིནམ་དང་ འདིའི་ནང་སྲད་དབྱེ་བ ༔

– ཕྱིའི་རྒྱལ་ཁབ་ལས་ ལོག་ལྷོད་དེ་ ཕུན་ཚོགས་གླིང་ལུ་ ཟུར་བཞག་མཐུན་རྐྱེན་ལྟེ་བའི་ནང་སྡོད་མི་ ༡ ལུ་ ནད་འབུབ་ཐོབ་ཡོདཔ་དང་།
– གཞན་མི་ ༥ ག་རཐིམ་ཕུག་ལས་ཨིནམ་དང་ འདི་ཡང་
– ༡ ལྕང་གླིང་མེ་ཐང་ ཚ་རིམས་སྨན་བཅོས་ཁང་ནང་ལས་ཐོབ་ཡོདཔ། ༼གནས་སྡོདཿ དེབ་སི།༽
– ༡ ཉི་མ་སློབ་གྲཱ་ཆེ་བའི་ཚ་རིམས་སྨན་བཅོས་ཁང་ནང་ལས་ཐོབ་ཡོདཔ།་༼ གནས་སྡོདཿ ་བདེ་ཆེན་ཆོས་གླིང་།༽
– གཞན་མི་ ༣ འདི་ཧེ་མ་ལས་ ནད་འབུབ་ཐོབ་མི་དང་ ཐད་ཀར་དུ་ འབྲེལ་བ་འཐབ་མི་ཨིན་པས། ༼གནས་སྡོདཿ མུ་ཏི་ཐང་ དེབ་སི་དང་ བདེ་ཆེན་ཆོས་གླིང་།༽

༼གསོ་བའི་ལྷན་ཁག་གི་དོང་འདེབ་ལས།༽

Check Also

གནམ་གཤིས་གསལ་བསྒྲགས། ༼༡༧/༡༠/༢༠༢༡༽

སྤྱི་ཚེས་ ༡༧/༡༠/༢༠༢༡ ལུ། ནུབ་ཕྱོགས་ལུ་རླུང་ཤུགས་ཀྱི་རིང་ལུགས་འཁྲུག་པའི་རྐྱེན་གྱིས་ སྤྱི་ཟླ་ ༡༠ པའི་སྤྱི་ཚེས་ ༡༨ ལས་ ༢༠ ཚུན་ དུས་ཡུན་ཆུ་ཚོད་ ༧༢ ཀྱི་རིང་ རྒྱལ་ཁབ་ནང་འཁོད་ …