ཀོ་ཝིཌ-༡༩་གི་རྒྱལ་ཡོངས་དུས་མཐུན་གནས་སྟངས།༼༠༢/༠༡/༢༠༢༡༽

འདས་པའི་ཆུ་ཚོད་༢༤ ནང་འཁོད་ལུ་ ཀོ་བིཌ-༡༩ ཐོབ་མི་གསརཔ་ ༢༡ བདའ་ཟུན་ཡོདཔ།

༉ དེ་ཡང་ སྐྱེས་ལོ་ཟླཝ ༤ ལས་ལོ་ ༨༤ གྱི་བར་ན་འབད་མི་ ཕོ་སྐྱེས་༡༠ དང་ ཨམ་སྲུ་༡༡ ཨིནམ་དང་ འདིའི་ནང་སྲད་དབྱེ་བ་འོག་ལུ་འཁྱོད་ཡོད།
– སྤ་རོ་ལས་ ༣ ༔ ཧེ་མ་ལས་ ནད་འབུབ་ཐོབ་མི་དང་ ཐད་ཀར་དུ་ འབྲེལ་བ་འཐབ་མི།
– གཞན་མི་ ༡༨ ག་རཐིམ་ཕུག་ལས་ཨིནམ་དང་ འདི་ཡང་ ནད་འབུབ་ཐོབ་མི་ ༡༥ ཧེ་མ་ལས་ ནད་འབུབ་ཐོབ་མི་དང་ ཐད་ཀར་དུ་ འབྲེལ་བ་འཐབ་མི་ཨིནམ་དང་ ༣ འདི་ཉེན་ཁ་ཆེ་བའི་ས་གནས་བརྟག་ཞིབ་ལས་ཨིན་པས།

ད་རེས་ ནད་འབུབ་ཐོབ་མི་ ༢༡ ལས་ སྤ་རོ་ཤ་བཱ་ལས༔ ༣ དང་ ཐིམ་ཕུག་ སེམས་རྟོགས་ཁའི་ ས་ཁོངས་ལས༔ ༣། ལྩང་བང་བྲུ་ལས ༢། ཀ་ཝང་རྒེད་འོག་ལས༔ ༢། བདེ་ཆེན་ཆོས་གླིང་ལས༔ ༡། གང་ཅད་དང་ཉི་ཟེར་སྒང་ལས༔ ༥། ལུང་བསྟན་ཕུག་ ས་ཁོངས་ལས་ ༥ ཨིན་པས།

གསོ་བ་ལྷན་ཁག་གིས་ ད་རེས་ ནད་འབུབ་ཐོབ་མི་གཅིག་ ནད་གཞི་ལས་ དྲག་ཡོདཔ་སྦེ་ གསལ་བསྒྲགས་འབད་ཡོདཔ།

༼གསོ་བའི་ལྷན་ཁག་གི་དོང་འདེབ་ལས༽

Check Also

གནམ་གཤིས་གསལ་བསྒྲགས། ༼༡༧/༡༠/༢༠༢༡༽

སྤྱི་ཚེས་ ༡༧/༡༠/༢༠༢༡ ལུ། ནུབ་ཕྱོགས་ལུ་རླུང་ཤུགས་ཀྱི་རིང་ལུགས་འཁྲུག་པའི་རྐྱེན་གྱིས་ སྤྱི་ཟླ་ ༡༠ པའི་སྤྱི་ཚེས་ ༡༨ ལས་ ༢༠ ཚུན་ དུས་ཡུན་ཆུ་ཚོད་ ༧༢ ཀྱི་རིང་ རྒྱལ་ཁབ་ནང་འཁོད་ …