ཀོ་ཝིཌ-༡༩་གི་རྒྱལ་ཡོངས་དུས་མཐུན་གནས་སྟངས།༼༡༣/༠༡/༢༠༢༡༽

དབྱིན་ཟླ་ ༡ པའི་ནབྱིན་ཚེས་༡༢ ཚུན་གྱི་ རྒྱལ་ཡོངས་ཀོ་བིཌ་-༡༩ གི་ དུས་མཐུན་སྙན་ཞུ།

༉ འདས་པའི་ཆུ་ཚོད་༢༤ གི་ ནང་འཁོད་ལུ་ ཐིམ་ཕུག་ལས་ ཕོ་སྐྱེས་༢ ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་ཡོདཔ་སྦེ་ བདའ་ཟུན་ནུག།

དེ་ཡང་ ཧེ་མ་ལས་ ནད་འབུབ་ཐོབ་མི་ཚུ་དང་ ཐད་ཀར་དུ་ འབྲེལ་འཐབ་མི་ དབྱངས་ཅན་ཕུག་གི་ ས་ཁོངས་ལས་དང་ གཞན་མི་དེ་ འགྲུལ་སྐྱོད་ཚ་རིམས་སྨན་བཅོས་ཐོག་ལུ་ བརྟག་དཔྱད་འབད་བའི་སྐབས་ ལུང་བསྟན་ཕུག་གི་ ས་ཁོངས་ལས་ བདའ་ཟུན་ཡོདཔ་ཨིན་པས།

གསོ་བའི་ལྷན་ཁག་གིས་ ད་རེས་ ནད་འབུབ་ཐོབ་མི་ ༢༣ ནད་གཞི་ལས་ དྲག་ཡོདཔ་སྦེ་ གསལ་བསྒྲགས་འབད་ཡོདཔ།

༼གསོ་བའི་ལྷན་ཁག་གི་དོང་འདེབ་ལས།༽

Check Also

གནམ་གཤིས་གསལ་བསྒྲགས། ༼༡༧/༡༠/༢༠༢༡༽

སྤྱི་ཚེས་ ༡༧/༡༠/༢༠༢༡ ལུ། ནུབ་ཕྱོགས་ལུ་རླུང་ཤུགས་ཀྱི་རིང་ལུགས་འཁྲུག་པའི་རྐྱེན་གྱིས་ སྤྱི་ཟླ་ ༡༠ པའི་སྤྱི་ཚེས་ ༡༨ ལས་ ༢༠ ཚུན་ དུས་ཡུན་ཆུ་ཚོད་ ༧༢ ཀྱི་རིང་ རྒྱལ་ཁབ་ནང་འཁོད་ …