ཀོ་ཝིཌ-༡༩་གི་རྒྱལ་ཡོངས་དུས་མཐུན་གནས་སྟངས།༼༡༢/༠༡/༢༠༢༡༽

དབྱིན་ཟླ་དང་པའི་ནབྱིན་ཚེས་༡༡ ཚུན་གྱི་ རྒྱལ་ཡོངས་ཀོ་བིཌ་-༡༩ གི་ དུས་མཐུན་སྙན་ཞུ།

༉ འདས་པའི་ཆུ་ཚོད་༢༤ གི་ ནང་འཁོད་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་གསརཔ་༦ བདའ་ཟུན་མི་ཚུ་ཡང་ སྐྱེས་ལོ་༢༤ ལས་༢༩ གི་བར་ན་འབད་མི་ ཕོ་སྐྱེས་༤ དང་ ཨམ་སྲུ་༢ ཨིན་པས།

ནད་འབུབ་ཐོབ་མི་ཚུ་གི་གྲས་ལས་༡ སྤ་རོ་ལུ་ ཟུར་བཞག་མཐུན་རྐྱེན་ནང་བཞག་མི་ ཕྱི་མི་ཨིནམ་ད་ ཐིམ་ཕུག་ལས་ ནདཔ་༥ བདའ་ཟུན་མི་ཚུ་ཡང་ བདེ་ཆེན་ཆོས་གླིང་དང་ བར་སྦིས་ས་ལས་ ཧེ་མ་ལས་ ནད་འབུབ་ཐོབ་མི་ཚུ་དང་ འབྲེལ་བ་ཐད་ཀར་འཐབ་མི་༤ དང་ ནདཔ་༡ ལྕང་ཟམ་ཏོག་ལས་ཨིནམ་ད་ ནདཔ་དེ་ གདོང་ཁར་ཐོན་ཏེ་ སྒྲིག་གཡོག་རྒྱུག་ནི་ འགོ་མ་བཙུགས་པའི་ཧེ་མར་ ནད་ཡམས་ཡོད་མེད་ བརྟག་དཔྱད་འབད་བར་འོངམ་ད་ བདའ་ཟུན་ཡོདཔ་ཨིན་པས།

གསོ་བའི་ལྷན་ཁག་གིས་ ད་རེས་ ནད་འབུབ་ཐོབ་མི་ ༡༢ ནད་གཞི་ལས་ དྲག་ཡོདཔ་སྦེ་ གསལ་བསྒྲགས་འབད་ཡོདཔ།

༼གསོ་བའི་ལྷན་ཁག་གི་དོང་འདེབ་ལས།༽

Check Also

གནམ་གཤིས་གསལ་བསྒྲགས། ༼༡༧/༡༠/༢༠༢༡༽

སྤྱི་ཚེས་ ༡༧/༡༠/༢༠༢༡ ལུ། ནུབ་ཕྱོགས་ལུ་རླུང་ཤུགས་ཀྱི་རིང་ལུགས་འཁྲུག་པའི་རྐྱེན་གྱིས་ སྤྱི་ཟླ་ ༡༠ པའི་སྤྱི་ཚེས་ ༡༨ ལས་ ༢༠ ཚུན་ དུས་ཡུན་ཆུ་ཚོད་ ༧༢ ཀྱི་རིང་ རྒྱལ་ཁབ་ནང་འཁོད་ …