ཀོ་ཝིཌ-༡༩་གི་རྒྱལ་ཡོངས་དུས་མཐུན་གནས་སྟངས།༼༡༦/༠༡/༢༠༢༡༽

དབྱིན་ཟླ་ ༡ པའི་དབྱིན་ཚེས་༡༥ ཚུན་གྱི་ རྒྱལ་ཡོངས་ཀོ་བིཌ་-༡༩ གི་ དུས་མཐུན་སྙན་ཞུ།

༉ འདས་པའི་ཆུ་ཚོད་༢༤ གི་ནང་འཁོད་ལུ་ ཀོ་བིཌ-༡༩ ཐོབ་མི་གསརཔ་ ༥ བདའ་ཟུན་མི་ཚུ་ཡང་ ག་ར་ ཧེ་མ་ལས་ ནད་འབུབ་ཐོབ་མི་ཚུ་དང་ འབྲེལ་བ་འཐབ་མི་ཚུ་ཨིན་པས།

ནདཔ་ ༥ གི་གྲས་ལས་ ཨམ་སྲུ་ ༢ དང ཕོ་སྐྱེས་ ༣ ཨིནམ་ད་ སྐྱེས་ལོ་འབད་བ་ཅིན་ ལོ་ ༡༣ ལས་ ༢༨ ཀྱི་བར་ན་འབད་མི་ཚུ་ཨིན་པས།

ནད་འབུབ་ཐོབ་མི་ནདཔ་༣ ཐིམ་ཕུག་སྒང་ཆེ་དང་ ཉི་ཟེར་སྒང་ དེ་ལས་ ནདཔ་༢ ལུང་བསྟན་ཕུག་གི་ ས་ཁོངས་ལས་ཨིན་པས།

ད་རེས་ ནད་འབུབ་ཐོབ་མི་ཚུ་གི་གྲས་ལས་༡ མ་གཏོགས་ གཞན་ག་ར་ གནས་སྟངས་ལེགས་ཤོམ་ཐོག་ལུ་ཡོད་ཟེར་ གསོ་བའི་བློན་པོ་གིས་ བཤདཔ་ཨིན་པས།
དེ་ལས་ སྨན་ཁང་དང་ ཟ་ཁང་ཚུ་ནང་ རྐྱང་གནས་ཐོག་བཞག་མི་ ནདཔ་ཚུ་གི་གྲས་ལས་ ནདཔ་ ༢༠ དྲག་ཡོདཔ་སྦེ་ གསལ་བསྒྲགས་འབད་ཡོདཔ། 

༼གསོ་བའི་ལྷན་ཁག་གི་དོང་འདེབ་ལས།༽

Check Also

གནམ་གཤིས་གསལ་བསྒྲགས། ༼༡༧/༡༠/༢༠༢༡༽

སྤྱི་ཚེས་ ༡༧/༡༠/༢༠༢༡ ལུ། ནུབ་ཕྱོགས་ལུ་རླུང་ཤུགས་ཀྱི་རིང་ལུགས་འཁྲུག་པའི་རྐྱེན་གྱིས་ སྤྱི་ཟླ་ ༡༠ པའི་སྤྱི་ཚེས་ ༡༨ ལས་ ༢༠ ཚུན་ དུས་ཡུན་ཆུ་ཚོད་ ༧༢ ཀྱི་རིང་ རྒྱལ་ཁབ་ནང་འཁོད་ …