ཀོ་ཝིཌ-༡༩་གི་རྒྱལ་ཡོངས་དུས་མཐུན་གནས་སྟངས།༼༡༨/༠༡/༢༠༢༡༽

དབྱིན་ཟླ་ ༡ པའི་དབྱིན་ཚེས་༡༧ ཚུན་གྱི་ རྒྱལ་ཡོངས་ཀོ་བིཌ་-༡༩ གི་ དུས་མཐུན་སྙན་ཞུ།

༉ ཁ་ཙ་ མི་མང་བརྟག་དཔྱད་འབད་བའི་སྐབས་ ཐིམ་ཕུག་ ལྕང་བང་གྲུ་གི་ ས་ཁོངས་ལས་ སྐྱེས་ལོ་༢༨ ལང་མི་ ཨམ་སྲུ་ཅིག་ལུ་ ཀོ་བིཌ-༡༩ ཐོབ་ཡོདཔ་སྦེ་ བདའ་ཟུན་ནུག།

ཨམ་སྲུ་དང་ ཐད་ཀར་དུ་ འབྲེལ་བ་འཐབ་མི་ག་ར་ འཚོལ་ཞིབ་འབད་ཚར་ཡོདཔ་ད་ ནད་འབུབ་ཐོན་སའི་ ས་ཁོངས་ཀྱི་ སྒྲིང་ཁྱིམ་ནང་ སྡོད་མི་ཚུ་ཡང་ གཞན་དང་གཅིག་ཁར་ འབྲེལ་བ་འཐབ་མ་བཅུག་པར་ བཀག་ཆ་འབད་དེ་ ཡོདཔ་ཨིན་པས།

གསོ་བའི་ལྷན་ཁག་གིས་ ད་རེས་ ནད་འབུབ་ཐོབ་མི་ ༩ ནད་གཞི་ལས་ དྲག་ཡོད་པའི་གསལ་བསྒྲགས།

༼གསོ་བའི་ལྷན་ཁག་དང་ ཀུན་གསལ་གྱི་དོང་འདེབ་ལས།༽

Check Also

གནམ་གཤིས་གསལ་བསྒྲགས། ༼༡༧/༡༠/༢༠༢༡༽

སྤྱི་ཚེས་ ༡༧/༡༠/༢༠༢༡ ལུ། ནུབ་ཕྱོགས་ལུ་རླུང་ཤུགས་ཀྱི་རིང་ལུགས་འཁྲུག་པའི་རྐྱེན་གྱིས་ སྤྱི་ཟླ་ ༡༠ པའི་སྤྱི་ཚེས་ ༡༨ ལས་ ༢༠ ཚུན་ དུས་ཡུན་ཆུ་ཚོད་ ༧༢ ཀྱི་རིང་ རྒྱལ་ཁབ་ནང་འཁོད་ …